༄༅། །ཤ་ཆང་བཀག་པའི་ལུང་འདྲེན་རྣམས་བཞུགས་སོ། །
ཤ་ཆང་བཀག་པའི་ལུང་འདྲེན༼ཀུན་མཁྱེན་རྟོན་པ་བཞི་ལྡན༽ ཨོཾ་གུ་རུ་བུདྡྷ་བོ་དྷི་སཏྭེ་བྷྱོ་ན་མོ་ན་མཿ དཔལ་ལྡན་བླ་མ་དམ་པ་དང་དབྱེར་མེད་པའི་རྒྱལ་བ་སྲས་དང་བཅས་པ་རྣམས་ལ་གུས་པས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བདག་དང་ཁམས་གསུམ་སེམས་ཅན་ཐམས་ཅད་ལ་བརྩེ་བ་ཆེན་པོས། དུས་ཐམས་ཅད་དུ་རྗེས་སུ་བཟུང་དུ་གསོལ། ཚོགས་གཉིས་ཟུང་འཇུག་རླབས་ཆེན་གྱི། །སྒྲིབ་གཉིས་བག་ཆགས་ཀུན