Category: སྙན་ངག

རྩ་ཉོན་དྲུག་ལ་སྦྱར་བའི་སྙན་ངག

ཆགས་པ་གཡུ་ཡི་རལ་གྲི་གྲི་ཤུབ་ནས་བཏོན་ཚེ། །སྲིད་པ་སྒྱུ་མའི་གྲོང་གི་བཞིན་མཛེས་ཀྱི་བུ་མོར། །མཛའ་མཐུན་བརྩེ་དུང་རིང་མོའི་རྟེན་འབྲེལ་དེ་འགྲིག་དུས། །དམ་ལྡན་རྡོ་རྗེ་སྤུན་གྱི་སྡོམ་པ་ནི་ཤོར་སོང་། ། གྲོགས་དང་ན་ཟླའི་བར་གྱི་འགལ་འདུ་ཡི་རྒྱབ་རྩར། །ལན་གཅིག་མ་མཐུན་གནག་པའི་མ་རུང་གི་བསམ་སྦྱོར། །བྱུང་ཚེ་སྡང་བའི་སེམས་ཀྱིས་གཤིན་ཡུལ་དུ་བསྐྱལ་པ། །ལྷན་སྐྱེས་ཁོང་ཁྲ