གསལ་བསྒྲགས།

གཞན་སྟོང་བགྲོ་གླེང་གསལ་བསྒྲགས།

༄༅།།དཔལ་ལྡན་རྒྱལ་བ་ཇོ་ནང་བའི་རང་ལུགས་འཛིན་པའི་དགོན་སྡེ་ཁག་གི་གྲྭ་བཙུན་སྔགས་གསུམ་གཙོས་ལུང་རིགས་སྨྲ་བའི་རིས་མེད་མཁྱེན་ལྡན་རྣམས་ཀྱི་དྲུང་དུ།
ཆེད་ཞུ། ད་སྐབས་ཕྱི་ནང་གི་འགལ་རྐྱེན་སྣ་ཚོགས་ཀྱིས་རྒྱལ་བའི་ལུང་རྟོགས་ཀྱི་བསྟན་པ་འདི་ཉིད་ལ་ཆེས་གཟིར་བས་སྙིགས་མ་ལྔ་བདོ་བའི་དུས་འདིར།
དྲི་མ་མེད་པའི་རྒྱལ་བསྟན་སྤྱི་དང་། བྱེ་བྲག་ཏུ་གཞན་སྟོང་དབུ་མའི་སྲོལ་འཛིན་དཔལ་ལྡན་རྒྱལ་བ་ཇོ་ནང་བའི་བསྟན་པ་འདི་ཉིད་དར་ཞིང་རྒྱས་ལ་ཡུན་དུ་གནས་ཕྱིར་དུ། རྒྱལ་སྤྱིའི་ཇོ་ནང་འགྲོ་ཕན་ལྷན་ཚོགས་དང་། འཕགས་ཡུལ་དཔལ་ལྡན་རྒྱལ་བ་ཇོ་ནང་བའི་རྡོར་གདན་སྨོན་ལམ་ཚོགས་ཆུང་གཉིས་ཐུན་མོང་གིས། མདོ་སྔགས་ཟུང་འབྲེལ་གྱི་དབུ་མ་གཞན་སྟོང་ཆེན་མོའི་ཤིང་རྟའི་སྲོལ་འབྱེད་ཀུན་མཁྱེན་དོལ་པོ་སངས་རྒྱས་རྟོན་པ་བཞི་ལྡན་ཤེས་རབ་རྒྱལ་མཚན་དཔལ་བཟང་པོ་མཆོག་གི་བཀའ་དྲིན་རྗེས་དྲན་གྱི་ལོ་འདི་དང་འབྲེལ། གནས་མཆོག་རྡོ་རྗེ་གདན་དུ་༼ཀུན་མཁྱེན་དོལ་པོ་སངས་རྒྱས་གཞན་དོན་དུ་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས་པའི་ཚུལ་བསྟན་ནས་ལོ་ངོ་༦༦༠་འཁོར་བའི་རྗེས་དྲན་འཕགས་ཡུལ་རྡོར་གདན་གཞན་སྟོང་དབུ་མའི་བགྲོ་གླེང་ཆེན་མོ་སྐབས་གསུམ་པ།༽ ཞེས་རང་ལུགས་འཛིན་པའི་མཁས་དབང་རྣམས་མཉམ་འཛོམས་ཀྱིས་བསྟན་བཅོས་ཆེན་མོ་རི་ཆོས་ངེས་དོན་རྒྱ་མཚོ་གཞིར་བཟུང་ནས་དབུ་མ་གཞན་སྟོང་གི་བགྲོ་གླེང་ཆེན་མོ་ཞིག བོད་རྒྱལ་ལོ་ ༢༡༤༩ རབ་གནས་ཆུ་སྟག་ལོའི་བོད་ཟླ་ ༡༡ ཚེས་ ༠༢།༠༣དང་། ཕྱི་ལོ་ ༢༠༢༢ ཕྱི་ཟླ་ ༡༢ ཚེས་༢༥/༢༦/བར་ཉིན་གཉིས་རིང་གོ་སྒྲིག་གནང་ཡོད་པ་ལགས་ན་དོན་གཉེར་ཅན་རྣམས་དུས་ལྟར་མཉམ་ཞུགས་གནང་བར་འབོད་བསྐུལ་དང་བཅས།

རྡོར་གདན་དབུ་མ་གཞན་སྟོང་བགྲོ་གླེང་ཚོགས་ཆུང་ནས་ཕྱི་ལོ ༢༠༢༢ ཟླ ༡༠ ཚེས ༢༣ ཉིན་གསལ་བརྡ་རུ་ཕུལ།

རྒྱལ་སྤྱིའི་ཇོ་ནང་འགྲོ་ཕན་ལྷན་ཚོགས། འཕགས་ཡུལ་དཔལ་ལྡན་རྒྱལ་བ་ཇོ་ནང་བའི་རྡོར་གདན་སྨོན་ལམ་ཚོགས་ཆུང་།

འབྲེལ་ཡུལ།
ཚོགས་གཙོ། དགེ་བཤེས་དཀའ་བཅུ་བ་ཚུལ་ཁྲིམས་རྣམ་རྒྱལ། 9620588939
ཚོགས་གཞོན། ཆོས་ལྷུན། 9380200300

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།