ཕྱི་ལོ་༢༠༠༩ལོརཕྱག་མཛོད་ཨ་ཁུ་ཀུན་དགའ་དང་དགེ་བཤེས་ཀུན་དགའ་བཟང་བོ་གཉིས་ཇོ་ནང་མ་དགོན་གྱི་གྲྭ་རྒྱུན་བསྡུ་རིམ་ཆེད་དུ་མོན་དུ་བྱོན། དེའི་སྐབས་མོན་བླ་མ་གུས་པ་བཀྲ་ཤིས་དང་འཕྲད་དེ། མོན་ཡུལ་དུ་ཉིན་འགའི་རིང་བཀའ་མོལ་བྱུང་བ་ནས་བཟུང་སྟེ། མོན་ཡུལ་དགོན་པ་དེ་ལ་ཇོ་ནང་བཀྲ་ཤིས་ཆོས་ཐང་དགོན་ཞེས་བཏགས། རིམ་གྱིས་མོན་གྱི་དགོན་བདག་བླ་མ་གུས་པ་བཀྲ་ཤིས་ཀྱིས་༧སྐྱབས་མགོན་༧ཁལ་ཁ་རྗེ་བཙུན་དམ་པ་མཆོག་ལ་གཟིམས་ཆུང་མཇལ་བཅར་ཡང་ཡང་ཞུས་པ་དང་། མོན་དགོན་དེ་སིམ་ལ་ཇོ་ནང་མ་དགོན་གྱི་ཡན་ལག་ཏུ་ཕུལ་བ་གཏན་ཁེལ་བྱུང་དེ་ནས་གདན་ས་འཕགས་ཡུལ་སིམ་ལ་ཇོ་ནང་མ་དགོན་གྱི་མཁན་ལས་ཐུན་མོང་དང་བླ་མ་གུས་པ་བཀྲ་ཤིས་བཅས་ཀྱི་བར་དུ་དགོན་པ་ཕུལ་ལུགས་ཀྱི་ཡིག་ཆའི་བདེན་དཔུང་སོགས་ཁ་གསལ་བཞག་སྟེ། དགོན་དེའི་མ་འོངས་པའི་དགོན་བདག་ནི། ཇོ་ནང་མ་དགོན་དུ་སློབ་གཉེར་གནང་བཞིན་པའི་སྲས་སྤྲུལ་བཀྲ་ཤིས་ཚེ་རིང་རིན་པོ་ཆེའི་འགན་བཞེས་རྒྱུར་ཞལ་མཐུན་གནངས། དེ་ནས་འཕགས་ཡུལ་ཇོ་ནང་མ་དགོན་གྱི་མཁན་རབས་གཉིས་ཀུན་དགའ་རིན་ཆེན་སྐབས་སུ། ལས་སྣེ་ལྷན་རྒྱས་ཀྱིས་གྲོས་མོལ་བྱས་ཏེ། སྤྲུལ་གསུངས་དབྱངས་མོན་ཇོ་ནང་དགོན་གྱི་འགན་འཛིན་དུ་བསྐོས་ཤིང་ལོ་མང་རིང་འགན་གཙང་བཞེས་གནངས། ༢༠༡༩ལོར་འགན་འཛིན་རྙིང་བ་མཆོག་ལ་དགོངས་ཁྲོལ་ཐོབ་ཏེ་མོན་དགོན་དེའི་འགན་འཛིན་ལ་འཕགས་ཡུལ་ཇོ་ནང་མ་དགོན་ནས། དགེ་བཤེས་ཀུན་དགའ་བཟང་བོ་ལགས་བསྐོས་ཤིང་ད་ལྟ་མུ་མཐུད་དུ་ཕྱག་ལས་གནང་བཞིན་མཆིས་སོ།
སྔོན་ཆད་མོན་ཇོ་ནང་བཀྲ་ཤིས་ཐང་དགོན་དུ་མཁན་རབས་དང་བོ་ཇོ་ནང་རྒྱལ་ཚབ་རིན་པོ་ཆེ་མཆོག་དང་། མཁན་རབས་གསུམ་པ་ཀུན་དགའ་འཚམས་ཆུང་བཅས་ཞབས་སོར་འཁོད་དེ་བྱིན་རླབས་གནངས། སྤྱིར་ཇོ་ནང་མ་དགོན་གྱི་སྒྲིག་གཞིའི་ནང་ཡོད་པ་བཞིན་འཕགས་ཡུལ་ཇོ་ནང་མ་དགོན་གྱི་ལས་ཐོག་མཁན་སྤྲུལ་སྐྱབས་རྗེ་རིན་པོ་ཆེ་མཆོག་གིས་ད་ལྟ་ཐུགས་ཁུར་གནང་མོས་ཡིན་ཞིང་2023 ལོ་ནས་བཟུང་སྟེ་ཇོ་ནང་མ་དགོན་གྱི་མཁན་ལས་ཟུར་སྤྱི་མོས་ནས་དགེ་བཤེས་ཀུན་དགའ་མཆོག་སྒྲུབ་མཆོག་མོན་བཀྲ་ཤིས་ཆོས་ཐང་དགོན་གྱི་མཁན་རབས་དང་པོ་བསྐོས་ཏེ་དེ་གར་རུ་མཁན་རིན་པོ་ཆེ་ནས་མཐུན་རྐྱེན་ཆ་ཚང་གནང་སྟེ་དགེ་བཤེས་ཀུན་དགའ་བཟང་པོ་ནས་བཟོ་བསྐྲུན་མཛད་ནས་ལྷ་བབས་མཆོད་རྟེན་ཆེན་མོ་ཞིག་སྦྱངས་བ་མ་ཟད་ལས་གནས་འགན་བཞེས་བཞིན་པའོ།
ཞོར་དུ་མོན་དགོན་དེར་སྐྱིད་སྡུག་གང་ཡིན་དང་མཐུན་རྐྱེན་གང་ཐུབ་རེ་སིམ་ལ་ཇོ་ནང་མ་དགོན་གྱིས་རོགས་རེམ་བྱས་དང་བྱེད་བཞིན་པ་བཅས་ཀྱི་ལོ་རྒྱུས་སྙིང་བསྡུས་སོ། །
འཕགས་ཡུལ་ཇོ་ནང་མ་དགོན་གྱི་ཡིག་ཚང་ནས། ༢༠༢༠/༡/༡༠/