ཉེ་ཆར་རྒྱལ་བ་ཇོ་ནང་པའི་ཡང་དར་བསྟན་པའི་བྱེད་པོ་དགེ་བའི་བཤེས་གཉེན་རིན་པོ་ཆེ་༧ ངག་དབང་དངོས་གྲུབ་དཔལ་བཟང་པོ་གང་ཉིད་ཁམས་མི་ཉག་དགོན་ཆེན་དུ་ཆིབས་བསྒྱུར་གནང་སྟེ་གྲྭ་བཙུན་དགེ་བསྙེན་སྟོང་ཕྲག་དུ་མ་ལ་ཟབ་རྒྱས་ཆོས་ཀྱི་འཁོར་ལོ་བསྐོར་ཏེ་ཕན་བདེའི་དཔལ་ཡོན་བསྐྲུན་པའི་མཛད་འཕྲིན་བསྐྱངས་པ། སྐྱེས་ཆེན་དམ་པ་གང་ཉིད་ཀྱི་མཛད་འཕྲིན་ནི་ནང་བསྟན་སྤྱི་དང་ཆོས་བརྒྱུད་ཅིག་གི་མཛད་འཕྲིན་དང་གཟི་བརྗིད་ཡིན།
近日,应康区木雅大寺的殷重邀请,觉囊教法再弘者、大善知识阿旺•俄智华尊者莅临该寺,并为该寺上千余僧俗二众开示了甚深的佛法。愿见者吉祥!
བཀའ་སློབ་ཁ་བྱང་།
ལང་གཤེགས་ལས། ང་ཡི་ཆོས་ཚུལ་རྣམ་གཉིས་ཏེ། །བསྟན་པ་དང་ནི་གྲུབ་མཐའ་འོ། །བྱིས་པ་རྣམས་ལ་བསྟན་པ་བཤད། །རྣལ་འབྱོར་བ་ལ་གྲུབ་མཐའ་འོ། །ཞེས་གསུངས་པའི་སྐབས་ཀྱི་བྱིས་པ་རྣམས་ལ་བསྟན་པ་བཤད་ཅེས་པ་ནི་ལ་ལར་གང་ཟག་བདག་ཡོད་པར་གསུངས་པ་དང་ལ་ལར་གང་ཟག་བདག་མེད་པར་གསུངས་པ། ཡང་དགེ་བ་གང་རུང་བྱས་ན་བསོད་ནམས་རླབས་ཆེན་དུ་འགྱུར་བ་དང་མི་འགྱུར་བ་སོགས་ངེས་དོན་མིན་པའི་བསྟན་པ་མང་པོ་གསུངས་པ་དེ་ནི་བྱིས་པ་རྣམས་ལ་བཤད་པའི་བསྟན་པ་ཡིན་ནོ། ། སྐབས་འདིར་བཤད་པ་ནི་རྣལ་འབྱོར་བ་རྣམས་ལ་གསུངས་པའི་བསྟན་པའི་དབང་དུ་བྱས་ཏེ་གདུལ་བྱའི་ཁམས་དབང་མོས་པ་ཙམ་མིན་པར་དངོས་པོ་གནས་ཚོད་དམ་ནང་བསྟན་གྱི་གྲུབ་མཐའ་ངོ་སྤྲོད།

ནང་དོན་ཡོངས་ཁུངས། ཐུབ་པའི་རྗེས་རབས་སྤྱི་སྟེགས།