Day: ཟླ་བདུན་པ། 16, 2025

རྗེ་འབའ་མདའ་བ་ཐུབ་བསྟན་དགེ་ལེགས་རྒྱ་མཚོའི་རྣམ་ཐར་ཉུང་བསྡུས།

གངས་ཅན་མཁས་པའི་ཁྱུ་མཆོག་ཆེན་པོ་རྗེ་འཇམ་དཔལ་དབྱངས་ཐུབ་བསྟན་དགེ་ལེགས་རྒྱ་མཚོ་ཞེས་ཞུ་བ་ཁོང་ནི། གངས་རིའི་ལྗོངས་ཀྱི་བོད་ཆེན་པོའི་ནང་ཚན། ཤར་རོལ་ཆེན་བཅོ་བརྒྱད་ལས་རྡོ་རོལ་གྱི་ཆར་གཏོགས་པ་འཛི་ཀའི་ལྷ་མོ་དར་ཐང་དང་ཉེ་བའི་ཡུལ་འབའ་མདའ་ཞེས་པ་ན། ཡབ་དགྲ་བླ་ལྕགས་ལོ་དང་། ཡུམ་སྐྱིད་ཀོ་མ་གཉིས་ལ་སྲས་ལྕམ་སྲིང་ལྔ་ཡོད་པ་ལས་ཆེ་བ་ཉིད་དུ་སྤྱི་ལོ༡༨༤༤རབ་བྱུང་བཅུ་བཞི་བའ