གསལ་བསྒྲགས་གལ་ཆེན།

གསལ་བསྒྲགས་གལ་ཆེན། IMPORTANT ANNOUNCEMENT

༄༅། །རྒྱལ་ཕྱི་ནང་གང་སར་བཞུགས་པའི་དཔལ་རྒྱལ་བ་ཇོ་ནང་པ་ཡོངས་ཀྱི་ སྙན་ལམ་དུ།

མཁྱེན་གསལ་བཞིན། ལྷ་མིའི་རྣམ་འདྲེན་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༩༠ ཕེབས་པའི་གོ་སྟོན་རྟེན་འབྲེལ་མཛད་ཆེན་དུ། དབུས་བོད་མིའི་སྒྲིག་འཛུགས་ནས་ཕྱི་ལོ་ ༢༠༢༥ ཟླ་ ༧ ཚེས་ ༦ ནས་བཟུང་ལོ་ཧྲིལ་བོ་གཅིག་རིང་། རྒྱལ་སྤྱིའི་ཁྱོན་དུ་བྱམས་བརྩེའི་ལོ་སྲུང་བརྩི་ཞུ་བཞིན་ཡོད་པའི་ཆ་ཤས་སུ་དམིགས་ཏེ། བོད་རྒྱལ་ལོ་ ༢༡༥༣ ནག་པ་ཟླ་བའི་ཚེས་ ༡༥ དང་། ཕྱི་ལོ་ ༢༠༢༦ ཟླ་ ༥ ཚེས་ ༡ ཉིན་ཏེ། སྟོན་མཆོག་ཤཱཀྱ་སེངྒེས་དུས་འཁོར་རྩ་རྒྱུད་གསུངས་བའི་དུས་ཆེན་ཁྱད་པར་ཅན་དང་སྟབས་བསྟུན། གཞིས་བྱེས་ཇོ་ནང་པ་ཡོངས་ཀྱིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་རྗེས་དྲན་དང་། སྐུ་ཚེ་མི་ཤིགས་རྡོ་རྗེའི་ཁམས་སུ་བརྟན་པར་བཞུགས་སླད། ༼ ཇོ་ནང་ཏཱ་ར་ནཱ་ཐ་གཟེངས་རྟགས་༽དང་། མཎྜལ་རྟེན་གསུམ་དངོས་འབུལ་ཞུ་ཆོག་པའི་ཞལ་བཞེས་ཀྱི་སྐལ་བཟང་ཐོབ་པའི་གསལ་བསྒྲགས་སུ། རྒྱལ་སྤྱིའི་ཇོ་ནང་འགྲོ་ཕན་ལྷན་ཚོགས་དབུས་རྒྱུན་ལས་ཁང་ནས། ཕྱི་ལོ་༢༠༢༦ ཟླ་༣ ཚེས་༢༦ ཉིན་ཕུལ།

Greetings to all venerable followers of the Jonangpa tradition, both within the homeland and across the world,

It is hereby announced that on the 15th day of the dark fortnight of the Tibetan Royal Year 2153, corresponding to May 1, 2026, on the auspicious occasion commemorating the original transmission of the glorious Kalachakra Tantra, and coinciding with the most blessed milestone of His Holiness The 14th Dalai Lama attaining the venerable age of ninety years: In observance of the “Year of Compassion”, proclaimed by the Central Tibetan Administration for the year beginning July 6, 2025, and with heartfelt prayers for the long, stable, and indestructible vajra-life of the Supreme Protector and Refuge of the Dharma and all sentient beings, the Jonangpa community—both in Tibet and in exile—will be honoured to offer a Tenshug (Long Life Offering Ceremony).
This sacred offering will include the Three Supports and a mandala offering, and will also mark the formal, in-person presentation of the distinguished “Jonang Taranatha Award”, as an expression of profound gratitude for His Holiness’s immeasurable kindness and incomparable contributions.
This announcement is respectfully issued for the awareness and participation of all.

From the office of International Jonang Wellbeing Association on March 26, 2026

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།