རྗེས་གནང་གསལ་བརྡ

ཆོས་བརྡ་གསལ་བསྒྲགས།

འཛམ་གླིང་གང་སར་བཞུགས་པའི་དཔལ་ལྡན་རྒྱལ་བ་ཇོ་ནང་པའི་དགོན་སྡེ་ཁག་དང་། དད་ལྡན་སེར་སྐྱ་ཡོངས་ཀྱི་སྙན་ལམ་དུ་ཞུ་གསོལ། གནས་མཆོག་རྡོ་རྗེ་གདན་ཇོ་ནང་གནས་གཞིའི་ས་ཆ་བྱིན་རླབས་དང་འབྲེལ། སྒྲུབ་བརྒྱུད་བསྟན་པའི་མངའ་བདག་སྙིགས་དུས་འགྲོ་བའི་མགོན་པོ་ཉམས་དང་རྟོགས་པའི་དབང་ཕྱུག་༧ སྐྱབས་རྗེ་ཇོ་ནང་རྒྱལ་ཚབ་རིན་པོ་ཆེ་མཆོག་ལ་གནས་གཞི་དེར་བཀའ་ཆོས་ཁྱད་པར་བ་ཞིག་དགོས་ཞེས་དད་ལྡན་སྦྱིན་པའི་བདག་པོ་རྣམས་ཀྱིས་ཇི་ལྟར་གསོལ་བ་ཕུར་ཚུགས་སུ་བཏབ་པ་བཞིན། ཞལ་བཞེས་བཟང་པོ་སྤྱི་བོའི་རྒྱན་དུ་སྨིན་ཏེ།
ཕྱི་ལོ། ༢༠༢༦ ཟླ་ ༡ ཚེས་ ༡༡ ཞོགས་པའི་དུས་ཚོད། ༩:༣༠ ཐོག དཔལ་ལྡན་དུས་འཁོར་ལྷན་སྐྱེས་ཀྱི་རྗེས་གནང་བསྐུར་རྒྱུ་ཐུགས་གཏན་ཁེལ་བ་ལགས་ན། དེ་ལུགས་དགོངས་འཇགས་ཡོང་བའི་རེ་སྐུལ་དང་བཅས།

ཐེའེ་ཝན་ཇོ་ནང་རྒྱལ་ཚབ་རིན་པོ་ཆེའི་མཛད་རིམ་གོ་སྒྲིག་ཚོགས་པ་དང་།
རྡོར་གདན་ཇོ་ནང་གནས་གཞིའི་འཛུགས་སྐྲུན་ཚོགས་ཆུང་ནས།
ཟླ་ཚེས་བཟང་པོ་ལ་སྤྱར།
༢༠༢༥/༡༢/༡

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།