བཅོམ་ལྡན་འདས་ཐུབ་པའི་དབང་པོ་ལ་བསྟོད་པ་བཞུགས།
རྗེ་བཙུན་ཏཱ་ར་ནཱ་ཐའི་གསུང་འབུམ། ༀ་སྭཱ་སྟཱི། བདེ་ལེགས་ཕན་དང་བདེ་བ་ནི། ཀུན་གྱི་འབྱུང་གནས་རྒྱལ་བ་ལ། །གང་ཞིག་ཅུང་ཟད་དད་བྱེད་པ། །དེ་ལའང་ཕུན་ཚོགས་ཐམས་ཅད་འབྱུང་། །རྨོངས་རྣམས་སྐལ་བ་དམན་པའི་ཕྱིར། །རྒྱལ་བ་ལ་ཡང་མོས་བྲལ་ཞིང་། །དམ་པའི་ཆོས་ལས་ཕྱིར་ཕྱོགས་པ། །འདི་དག་བ་ལང་མངོན་སུམ་བཞིན། །བཟླས་བརྗོད་སྨྲ་བ་ཇི་སྙེད་པས། །ཡོན་ཏན་ལན་ཅིག་བརྗོད་པ་མཆོག །ཡང་ན་མི་སྨ

