༄༅། །རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་བདག་ཉིད་ཀྱི་རྣམ་ཐར་ངེས་པར་བརྗོད་པའི་དེབ་གཏེར་ཤིན་ཏུ་ཞིབ་མོ{སྒྲོ་སྐུར་ཀུན་སྤངས། གནས་ཚུལ་ཀུན་གསལ།}མ་བཅོས་ལྷུག་པའི་རྟོགས་བརྗོད་ཅེས་བྱ་བ་བཞུགས་སོ། །
དགུ་པ། མཛད་པ་པོ། རྗེ་བཙུན་ཏཱ་ར་ནཱ་ཐ། དེ་ནས་རྩས(རྩིས)མ་ཕྱེད་ཆོད་ཙམ་ནས་བསྙེན་མཚམས་དམ་པར་བསྡམས་ཏེ། ཆོ་འཕྲུལ་གྲོལ་གྱི་བར་དུ་གདན་བཞི་ཡེ་ཤེས་དབང་ཕྱུག་མའི་དཀྱིལ་འཁོར་དང༌། གསང་འདུས་འཇམ་པའི་རྡོ་རྗེ་གཉིས་ཀྱི་བསྙེན་པ་ཡོངས་རྫོགས་དང༌། དུས་འཁོར་ལྷ་དགུ་ལ་བརྟེན་ནས་རྒྱུད་སྡེ་གཞན་གྱི་རུང་མཐུན་སྦྱར་བའི་བསྙེན་པ་ཞིག་རྣམས་སོང༌། དུས་ཀྱི་འཁོར་ལོའི་ངེས་གསང་གི་ཚིག

