གསུང་འབུམ་འགྲེལ་སྤེལ།

༸ ཇོ་ནང་ཀུན་མཁྱེན་རྟོན་པ་བཞི་ལྡན་དོལ་པོ་སངས་རྒྱས་ཀྱི་གསུང་འབུམ་འགྲེམ་བརྡ།

རིས་སུ་མ་མཆིས་པའི་དགོན་སྡེ་བཤད་གྲྭ་ཁག་དང་། སློབ་གྲྭ་དང་དཔེ་མཛོད་ཁང་། ཚོགས་སྡེ་མི་སྒེར་བཅས་མཁྱེན་ཡངས་རིགས་སྨྲ་རྣམས་ཀྱི་དྲུང་དུ་ཞུ་གསོལ།


བདེ་གཤེགས་གསུང་རབ་ཀུན་གྱི་མིག་ལྟར་གྱུར་པ་བཀའ་མདོ་རྒྱུད་མ་ལུས་པའི་དགོངས་འགྲེལ་མཁན་པོ་ཀུན་མཁྱེན་རྟོན་པ་བཞི་ལྡན་དོལ་པོ་པ་ཤེས་རབ་རྒྱལ་མཚན་དཔལ་བཟང་པོ་མཆོག་གིས། དགོངས་འགྲེལ་ཆིག་རྐྱང་བའི་ཕྱོགས་སུ་མ་ལྷུང་པར། སྔོན་དུས་དགྲ་བཅོམ་མང་པོས་དཔང་པོ་བྱས་ནས་བཀའ་བསྡུ་བྱས་པ་ལྟར། དགྲ་བཅོམ་ཆེན་པོ་དང་མཚུངས་པའི་རྫོགས་ལྡན་ཆོས་མཆོག་གི་གཞུང་ལུགས་རྣམས་སུ། ངེས་དོན་གསལ་བར་བསྟན་པའི་ལུང་ཟབ་སྟོང་ཕྲག་མང་པོ་དཔང་པོར་བྱས་ཏེ། ལྟ་བའི་ལེགས་བཤད་ཆེན་མོ་རི་ཆོས་ངེས་དོན་རྒྱ་མཚོ་དང་། བཀའ་བསྡུ་བཞི་པ་སོགས་མཛད་ནས་བསྟན་པ་ལ་ཁུར་ཆེན་བཞེས་ཤིང་། ངེས་པ་དོན་གྱི་ཀུན་མཁྱེན་ཆེན་པོའི་སྙན་པའི་གྲགས་པ་ས་གསུམ་དུ་ཁྱབ་པ། ༸ ཇོ་ནང་ཀུན་མཁྱེན་དོལ་པོ་སངས་རྒྱས་ཀྱི་གསུང་འབུམ་སྤུས་ལེགས་ཤིག ད་ལན་ཐེ་ཝན་ནས་པར་སྐྲུན་ཞུས་ཏེ་རྒྱ་གར་ལྷོ་ཕྱོགས་སུ་འབྱོར་ཡོད་ཅིང་། རྒྱུ་སྤུས་དང་སྒྲིག་བཀོད་ལེགས་པ་གཞུང་ཆེན་དང་གསུང་རྩོམ་ཐོར་བུའི་རིགས་ཕྱོགས་གཅིག་ཏུ་མ་སྤུངས་བར་སོ་སོར་བགོས་ནས། ཆོས་རྗེ་ཀུན་མཁྱེན་ཆེན་པོའི་མདོ་སྔགས་མ་ལུས་པའི་གསུང་ཆ་ཚང་བ་པོད་གྲངས་བཅུ་དྲུག་གིས་གྲུབ་ཡོད། གསུང་འབུམ་འདི་རིན་མེད་ཆོས་སྦྱིན་དུ་རྒྱ་བལ་འབྲུག་གསུམ་དང་། ཕྱི་རྒྱལ་ཡུལ་གྲུ་ཁག་ལ་འབུལ་རྒྱུ་ཡིན། སྐུར་གླ་དོ་བདག་སོ་སོའི་ངོས་ནས་གནང་དགོས་ཤིང་གསུང་འབུམ་རེ་ལ་སྤྱི་རྒྱ་བཅུ་བཞི་ལྷག་(14kg)ཡོད། གསུང་འབུམ་དགོས་སའི་དགོན་པ་དང་བཤད་གྲྭ། སློབ་གྲྭ་ཁག་དང་། དཔེ་མཛོད་ཁང་ཚོགས་སྡེ་མི་སྒེར་བཅས་ཀྱིས་སྐུར་སའི་ཁ་བྱང་དང་། དགོས་པའི་རྒྱུ་མཚན་སོགས་ཡིག་ངག་གང་རུང་ནས་གཤམ་གྱི་ཨང་གྲངས་ཐོག་ལ་འབྲེལ་བ་གནང་རོགས་ཞུ།


འབྲེལ་བ་གནང་ཡུལ།
གཙོ་འགན་པ། དགེ་བཤེས་ཀུན་དགའ་ལྷུན་གྲུབ།
886-916-786-937
གཙོ་འགན་པ། རྒན་ཆོས་ལྷུན།
0091-93802 00300
རྡོ་རྗེ་རྣམ་རྒྱལ། +91 76761 87126
ཆོས་གཏེར། 6363740331

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།