ཇོ་ནང་རིག་མཛོད་ཆེན་མོ།

ཇོ་ནང་རིག་མཛོད་ཆེན་མོ་ཡི་འགྲེལ་སྤེལ་མཛད་སྒོ།

སྤྱི་ཟླ་༡༠པའི་ཚེས༡༦ཉིན་གྱི་སྔ་དྲོར།《ཇོ་ནང་རིག་མཛོད་ཆེན་མོ》ཞེས་པའི་པོད་ཉིས་བརྒྱ་དང་བཅུ་དྲུག་གི་བདག་ཉིད་ཅན་གྱི་འགྲེམ་སྤེལ་མཛད་སྒོ་ཁྲིན་ཏུའུ་རུ་གཟབ་རྒྱས་ངང་འཚོགས། ཐེངས་འདིའི་བྱེད་སྒོ་ནི་སི་ཁྲོན་ཞིན་ཧྭ་དཔེ་སྐྲུན་འགྲེམ་སྤེལ་ཚོགས་པས་གཙོ་སྒྲུབ་དང་། ཆིང་ཧྭ་སློབ་ཆེན་གྱི་ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་སྲ་བརྟན་གྱི་ཞིབ་འཇུག་ས་ཚིགས། དེ་མིན་སི་ཁྲོན་དཔེ་སྐྲུན་འཕེལ་རྒྱས་སྤྱི་ཕན་ཐེབས་རྩ་ཚོགས་པ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ཀྲུང་གུང་འཛམ་ཐང་རྫོང་ཨུའི་དྲིལ་བསྒྲགས་པུའུ་ཡིས་འགན་སྒྲུབ་དང་། འཛམ་ཐང་རྫོང་ཛམ་བྷ་ལའི་གཟུགས་མེད་ཤུལ་བཞག་མཐུན་ཚོགས་དང་ཁམས་པའི་བརྙན་འཕྲིན་ཁང་གིས་རོགས་སྒྲུབ་བཅས་ཀྱི་འགན་ཁུར་བ་རེད།

《ཇོ་ནང་རིག་མཛོད》ནི་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་དང་དཔེ་ཚོགས་འདིའི་རྩོམ་སྒྲིག་ཚོགས་པ་གཉིས་ཀྱིས་མཉམ་དུ་དཔེ་སྐྲུན་བྱས་པ་ཡིན་ཞིང་། བོད་ཡིག་གནའ་དཔེ་ནི་འགྲོ་བ་མིའི་གཙུག་ལག་གཏེར་མཛོད་ཆེན་མོའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། ཀྲུང་ཧྭའི་ཕུལ་བྱུང་རིག་གནས་ཡར་རྒྱས་གོང་འཕེལ་དུ་གཏོང་བའི་ལས་གཞི་གལ་ཆེན་ཞིག་ཏུ་གྲུབ་ཡོད་པས། དཔལ་ཇོ་ནང་པའི་མཁས་དབང་རིམ་བྱོན་གྱི་གསུང་རྩོམ་འཚོལ་བསྡུ་དང་ལེགས་སྒྲིག །པར་ཤིང་ལ་བརྐོ་བ་དང་རྩིས་འཕྲུལ་དུ་བཅུག་པ་ཞུ་དག་དཔར་འདེབས་སོགས་ཕྱག་ལས་རྒྱུན་རིང་གནང་ནས་རིག་མཛོད་འདི་ཉིད་གྲུབ་པ་རེད། དེ་མིན་རིག་མཛོད་འདི་ཉིད་ནི་སི་ཁྲོན་གྱི་མི་རིགས་དཔེ་སྐྲུན་ཁྱབ་ཁོངས་ཀྱི་ཚབ་མཚོན་ལྡན་པའི་རིག་གནས་ཀྱི་ལས་གཞི་ཞིག་ཡིན་པ་མ་ཟད། སི་ཁྲོན་དཔེ་སྐྲུན་འཕེལ་རྒྱས་སྤྱི་ཕན་ཐེབས་རྩ་ཚོགས་པའི་རོགས་དངུལ་རྣམ་གྲངས་དང་། སི་ཁྲོན་ཞིན་ཧྭ་དཔེ་སྐྲུན་འགྲེམ་སྤེལ་ཚོགས་པས་འཛམ་ཐང་རྫོང་ལ་མཐིལ་འགྱོག་རོགས་སྐྱོར་བྱས་པའི་གལ་ཆེའི་རྣམ་གྲངས་ཞིག་རེད།

《ཇོ་ནང་རིག་མཛོད་ཆེན་མོ》ཡི་དབུ་འབྱེད་མཛད་སྒོའི་སྟེང་། དཔེ་ཚོགས་ཀྱི་གཙོ་སྒྲིག་པ་འཇམ་དབྱངས་བློ་གྲོས་ཀྱིས་རིག་མཛོད་འདི་ཉིད་བགྲང་ལོ་བཅུ་གཉིས་རིང་བསྡུ་རུབ་དང་དཔེ་བསྡུར་བགྱིས་པའི་མཉམ་མྱོང་གླེང་པ་དང་། ཧྲེན་ཝེ་རོང་གིས་རིག་གཞུང་གི་མཐོང་སྣེ་ནས་རིག་མཛོད་ཀྱི་ཡིག་ཚང་གི་རིན་ཐང་དང་ཤེས་དཔལ་གྱི་དོན་སྙིང་སྐོར་ནས་འགྲེལ་བཤད་གནང་།

ཚོགས་ཐོག་ཏུ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་འབྲེལ་ཡོད་འགན་འཛིན་པས་བསྟན་དོན། དཔེ་སྐྲུན་ཁང་གིས་ལོ་མང་རིང་མི་རིགས་གནའ་དཔེ་མྱུར་སྐྱོབ་དང་དཔེ་སྐྲུན་བྱས་པའི་ཆ་ནས། མ་འོངས་པར་ཡང་གནའ་དཔེ་དཔེ་སྐྲུན་གྱི་རྨང་གཞིའི་སྟེང་གྲངས་འཛིན་ཅན་གྱི་བྱེད་ཐབས་བེད་སྤྱད་ནས་མི་རིགས་གནའ་དཔེ་སྲུང་སྐྱོབ་དང་དར་སྤེལ་བཏང་ནས་ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་ཤེས་དཔལ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་རྒྱུ་ཡིན་པ་བསྟན།

ཚོགས་ཞུགས་ཆེད་མཁས་པ་རྣམས་ཀྱིས་གསུང་དོན། མི་རིགས་གནའ་དཔེ་པར་སྐྲུན་བྱེད་པ་ནི་ཀྲུང་ཧྭའི་རིག་གནས་རྒྱུན་འཛིན་བྱེད་པའི་རྨང་གཞི་རང་བཞིན་གྱི་ལས་ཀ་ཡིན་པས། 《ཇོ་ནང་རིག་མཛོད》ཀྱིས་བོད་རིག་པའི་ཞིབ་འཇུག་ཐད་ཡིག་ཚང་ཁུངས་བཙུན་མཁོ་འདོན་གནང་ཡོད་པས། དེ་ནི་མི་རིགས་ཕན་ཚུན་འགྲོ་འོང་དང་སྤེལ་རེས། མཉམ་འདྲེས་བཅས་བྱེད་པའི་ལོ་རྒྱུས་ཀྱི་བདེན་དཔང་ཡིན་པར་མ་ཟད། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་སྲ་བརྟན་གཏོང་བའི་དཔེ་མཚོན་ཡིན་པ་བསྟན། དེ་མིན་བྱེད་སྒོའི་སྟེང་དུ། གཙོ་སྒྲུང་ལས་ཁུངས་ཀྱིས་རྔ་བ་ཁུལ་དང་དཀར་མཛེས་ཁུལ་གྱི་དཔེ་མཛོད་ཁང་དང་རྔ་བ་ཁུལ་གྱི་བོད་ཡིག་དཔེ་མཛོད་ཁང་བཅས་ལ་དཔེ་སྤྱིན་གནང་།

《ཇོ་ནང་རིག་མཛོད》དཔེ་སྐྲུན་བྱས་པ་དེ་ནི་དུས་རབས་གསར་པའི་མི་རིགས་དཔེ་སྐྲུན་བྱ་གཞག་འཕེལ་རྒྱས་ཀྱི་གསོན་ཉམས་ལྡན་པའི་བསྡུས་གཟུགས་ཤིག་ཡིན་ལ། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་འཕེལ་རྒྱས་ཐོབ་པའི་གྲུབ་འབྲས་གཡུར་དུ་ཟ་བ་ཞིག་ཀྱང་རེད། གསུང་རབ་ཆ་ཚང་དེ་རྒྱ་ཁྱབ་ངང་བརྒྱུད་སྤེལ་བྱས་པ་དང་ཆབས་ཅིག དེའི་ཁྲོད་འདུས་པའི་རིག་གནས་ཀྱི་ཉིང་བཅུད་དང་བསམ་པའི་སྟོབས་ཤུགས་དེ་ནི་མི་རིགས་ཁག་དབར་འགྲོ་འོང་དང་སྤེལ་རེས། མཉམ་འདྲེས། དེ་མིན་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ལ་དབང་བའི་བསམ་པའི་ཁྱིམ་གཞིས་བསྐྲུན་པའི་འཕེལ་རིམ་ཁྲོད་ནས་མུ་མཐུད་འོད་སྟོང་འཕྲོ་ངེས་རེད།

ཡོངས་ཁུངས། སི་ཁྲོན་བོད་སྐད་རླུང་འཕྲིན།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།