Author: JonangEditor

འཕགས་ཡུལ་ཇོ་ནང་མ་དགོན་གྱི་ཡན་ལག་མོན་ཇོ་ནང་བཀྲ་ཤིས་ཆོས་ཐང་དགོན་ནི།

ཕྱི་ལོ་༢༠༠༩ལོརཕྱག་མཛོད་ཨ་ཁུ་ཀུན་དགའ་དང་དགེ་བཤེས་ཀུན་དགའ་བཟང་བོ་གཉིས་ཇོ་ནང་མ་དགོན་གྱི་གྲྭ་རྒྱུན་བསྡུ་རིམ་ཆེད་དུ་མོན་དུ་བྱོན། དེའི་སྐབས་མོན་བླ་མ་གུས་པ་བཀྲ་ཤིས་དང་འཕྲད་དེ། མོན་ཡུལ་དུ་ཉིན་འགའི་རིང་བཀའ་མོལ་བྱུང་བ་ནས་བཟུང་སྟེ། མོན་ཡུལ་དགོན་པ་དེ་ལ་ཇོ་ནང་བཀྲ་ཤིས་ཆོས་ཐང་དགོན་ཞེས་བཏགས། རིམ་གྱིས་མོན་གྱི་དགོན་བདག་བླ་མ་གུས་པ་བཀྲ་ཤིས་ཀྱིས་༧སྐྱབས་མགོན་༧

༄༅། །ཇོ་ནང་དུས་འཁོར་སྦྱོར་དྲུག་སྒོམ་གྲྭ་ཆོས་འཁོར་གླིང་གི་ངོ་སྤྲོད་མདོར་བསྡུས།

ཇོ་ནང་དུས་འཁོར་སྦྱོར་དྲུག་སྒོམ་གྲྭ་ཆོས་འཁོར་གླིང་ནི། ༸ཇོ་ནང་རྒྱལ་ཚབ་རིན་པོ་ཆེ་རྡོ་རྗེ་སློབ་དཔོན་མཁན་སྤྲུལ་ཆོས་ཀྱི་སྣང་བ་མཆོག་གིས། ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ལམ་སྟོན་རིམ་བརྒྱུད་འོག་འཕགས་ཡུལ་བཞུགས་སྒར་དྷ་རམ་ཤཱ་ལའི་ཉེ་འདབས་ཀྱི་ནོར་བུ་གླིང་གར་ཕྱི་ལོ་ ༢༠༡༤ ཟླ་ ༡༢ ཚེས་ ༡༣ ཉིན་གསར་བསྐྲུན་དབུ་འཛུགས་གནང་བ་ཞིག་ཡིན། དེ་ཡང་ཕྱི་ལོ་ ༢༠༡༤

དད་པའི་མདངས།

མཛད་པ་པོ། མཁན་རིན་པོ་ཆེ་དགེ་འདུན་རྒྱ་མཚོ། ཉམས་རྟོགས་སྤྲིན་གྱི་མཐོངས་ལ་གནས་བཅས་ཤིང་།།འཆད་རྩོད་རྩོམ་པའི་ངག་ལ་དབང་འབྱོར་བའི།།ལུང་རྟོགས་ཆོས་ཀྱི་གྲུ་ཆར་འཇོ་བའི་གཉེན།།སྐྱབས་རྗེ་སངས་རྒྱས་མཉན་པར་གུས་པས་འདུད།། དམ་པའི་གསང་གསུམ་མཐའ་མེད་ཀུན་གསལ་དབྱིངས།།བདག་གི་བྱིས་བློའི་ཡུལ་ལས་རབ་འགོང་ཡང་།།ཚུར་མཐོང་བློ་ཡི་རྟོགས་པའི་ལེགས་མཛད་ཀྱི།།ཆ་ཤས་རེས་ཀྱང་སྙིང་ལ་ད

༄༅། །བལ་ཡུལ་ཇོ་ནང་དགོན་ངེས་དོན་རྟག་བརྟན་བཤད་སྒྲུབ་ཆོས་འཁོར་གླིང་གི་ལོ་རྒྱུས་མདོར་བསྡུས།

དེ་ཡང་རྗེ་བཙུན་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐས། “མ་དར་བ་རྣམས་སུ་དར་བར་བྱེད་ཅིང་། དར་བ་རྣམས་དག་ཅིང་འཕེལ་བ་དང་། ཉམས་པ་རྣམས་གསོ་ནུས་པར་གྱུར་ཅིག ལུས་དང་ལོངས་སྤྱོད་སྲོག་ལས་ཀྱང་ཁྱེད་ཀྱི་བསྟན་པ་གཅེས་སྤྲས་སུ་འཛིན་པར་གྱུར་ཅིག” ཅེས་ཐུགས་སྨོན་མཛད་པ་བཞིན། ཇོ་ནང་རྗེ་བཙུན་ཆེན་པོའི་འཕྲིན་ལས་ཀྱི་རོལ་གར་མཆོག་སྤྲུལ་བཀྲ་ཤིས་རྒྱལ་མཚན་རིན་པོ་ཆེ་མཆོག་གིས། རྒྱལ་བསྟན་

༄༅། །རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་བདག་ཉིད་ཀྱི་རྣམ་ཐར་ངེས་པར་བརྗོད་པའི་དེབ་གཏེར་ཤིན་ཏུ་ཞིབ་མོ{སྒྲོ་སྐུར་ཀུན་སྤངས། གནས་ཚུལ་ཀུན་གསལ།}མ་བཅོས་ལྷུག་པའི་རྟོགས་བརྗོད་ཅེས་བྱ་བ་བཞུགས་སོ། །

ཉེར་གསུམ་པ། མཛད་པ་པོ། རྗེ་བཙུན་ཏཱ་ར་ནཱ་ཐ། ད་ནི་དཀྱུས་ལ་འཇུག་པར་བྱ་སྟེ། དེ་ལོ་འཁྲིད་གསར་བ་མང་རབ་དང༌། འཁྲིད་ལོ་འབྲིང་ཙམ་བྱུང༌། ཆོས་རྗེ་ཀུན་བློ་བ་དང༌། གྲྭ་ཚངས(ཚང)ཆེན་མོའི་སློབ་དཔོན་རིན་པོ་ཆེ་བླ་མ་བ་དང༌། ཡོལ་པ་མཁན་ཆེན་སོགས་མང་རབ་ལ། སྦྱོར་དྲུག་བརྒྱུད་པ་མི་འདྲ་བ་གཞན་ཡང་འགའ་རེ་བཤད། སྡེ་བ་ལྗང་པ་ཆོས་རྗེ་ལ་སྲོག་གེགས་བྱུང་བ་ལ་གེགས་སེལ་ཅིག་བསྟན། སྒོམ

ཆོས་རྗེ་བུ་ཆེན་རྣམས་ཀྱིས་ཇོ་ནང་ཀུན་མཁྱེན་བསྟོད་པ་བཞུགས།

ཇོ་ནང་ཀུན་མཁྱེན་ཆེན་པོས་གསུང་། ན་མོ་ལོ་ཀི་ཤྭ་ར་ཡ།ཤེས་བྱ་ཀུན་མཁྱེན་ཤེས་རབ་རྒྱལ་མཚན་དཔལ། །འཕྲིན་ལས་བཟང་པོའི་ཉི་མའི་དཀྱིལ་འཁོར་གྱིས། །གླིང་བཞི་མུན་སེལ་ཁམས་གསུམ་ཆོས་ཀྱི་རྗེ། །ཐུབ་བསྟན་རྒྱལ་མཚན་འཛིན་ལ་སྤྱི་བོས་འདུད། ། སྐུ་མཆོག་བདེ་གཤེགས་སྙིང་པོའི་ཁང་བཟང་ལ། །ལེགས་བཤད་གསུང་གི་སྒྲ་དབྱངས་རྡོ་རྗེ་འཛིན། །འཁྲུལ་མེད་ཐུགས་ལྡན་འོད་གསལ་ཆོས་ཀྱི་དབྱིངས། །མ

༄༅། །རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་བདག་ཉིད་ཀྱི་རྣམ་ཐར་ངེས་པར་བརྗོད་པའི་དེབ་གཏེར་ཤིན་ཏུ་ཞིབ་མོ{སྒྲོ་སྐུར་ཀུན་སྤངས། གནས་ཚུལ་ཀུན་གསལ།}མ་བཅོས་ལྷུག་པའི་རྟོགས་བརྗོད་ཅེས་བྱ་བ་བཞུགས་སོ། །

ཉེར་གཉིས་པ། མཛད་པ་པོ། རྗེ་བཙུན་ཏཱ་ར་ནཱ་ཐ། ཧོར་ཟླ་གསུམ་པའི་ཚེས་བཅུ་གསུམ་ལ་ལྕམ་ཕུན་ཚོགས་དྲུང་གི་སྐྲ་བཅད་དང༌། ཆོས་ཀྱི་དགའ་སྟོན་སོགས་རྒྱས་པ་མཛད། སྔ་སོར་རྒྱལ་རྩེ་ནས་འབོད་མི་རིམ་ཅན་དུ་བྱུང་བའི(བས)། འདི་སྐབས་ཀྱང་དེ་ཕྱོགས་སུ་འགྲོ་བ་གཞིར་བཞག་ལྟ་བུར་ཡོད་ན་ཡང༌། དུས་ཐོག་ཏུ་འབོད་མཁན་ཡང་མ་སླེབ(སླེབས)། རྨི་ལྟས་ཀྱང་འགྱུར། རིན་སྤུངས་ནས་འབོད་མཁན་བྱུང་བ་ལྟར

བོད་ཀྱི་སྤྱི་ཚོགས་ཀྱི་གནས་སྟངས།

ཇོ་ནང་དགེ་བཤེས་༧ངག་དབང་དངོས་གྲུབ་དཔལ་བཟང་པོ། སྐྱ་སེར་ཕོ་མོ་ཕལ་ཆེར་དཔལ་འབྱོར་གྱི་བྲེལ་ཟིང་ལ་ངུ་ངག་གི་འོ་དོད་འབོད་བཞིན་ཀུན་སྤྱོད་ཀྱི་ངོ་ཚའི་གོས་ཕུད་ནས་གཅེར་བུར་རྒྱུག་བཞིན་ཡོད་ལ། དེའི་དབང་གིས་དཔལ་འབྱོར་རྫུན་མ་དང་། ཆོས་རྫུན་མའི་སྡེ་ཚན་གཉིས་བྱུང་ལ། དེའི་རྐྱེན་པས་དཔལ་འབྱོར་རྫུན་བཟོ་བ་དང་། ཆོས་པ་རྫུན་མ་གཉིས་བྱུང་། དེ་བྱུང་བ་ནི་སྤྱི་ཚོགས་ཆོས་འཇིག

༄༅། །རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་བདག་ཉིད་ཀྱི་རྣམ་ཐར་ངེས་པར་བརྗོད་པའི་དེབ་གཏེར་ཤིན་ཏུ་ཞིབ་མོ{སྒྲོ་སྐུར་ཀུན་སྤངས། གནས་ཚུལ་ཀུན་གསལ།}མ་བཅོས་ལྷུག་པའི་རྟོགས་བརྗོད་ཅེས་བྱ་བ་བཞུགས་སོ། །

ཉེར་གཅིག་པ། མཛད་པ་པོ། རྗེ་བཙུན་ཏཱ་ར་ནཱ་ཐ། དེ་ནས་ངེད་ཀྱི(ཀྱིས)ལྷུན་གྲུབ་རྫོང་བརྒྱུད། སྟག་ལུང་པའི་སྔར་འཁྱུད་ཀྱི་སྒྲིགས(སྒྲིག)བཀོད་དང་བཅས་སྟག་ལུང་དུ་སླེབ(སླེབས)། དེའི་གནངས་ཉིན་མཆོག་གི་སྤྲུལ་པ་ཞབས་དྲུང་རིན་པོ་ཆེ་དང་མཇལ། དེ་སྐབས་རྟེན་བཞེངས་ཀྱི་རྒྱུ་ཚོགས་ལ་འདྲེ་བའི་དོན་དུ་སྔ་ཕྱིར་གསེར་ཞོ་ལྔ་བཅུ་ཙམ་དང༌། གཞན་ཡང་རང་རེ་ལ་ལྟོས་པའི་གང་ཡོད་དཀྲུགས་པའི་