༄༅། །རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་བདག་ཉིད་ཀྱི་རྣམ་ཐར་ངེས་པར་བརྗོད་པའི་དེབ་གཏེར་ཤིན་ཏུ་ཞིབ་མོ{སྒྲོ་སྐུར་ཀུན་སྤངས། གནས་ཚུལ་ཀུན་གསལ།}མ་བཅོས་ལྷུག་པའི་རྟོགས་བརྗོད་ཅེས་བྱ་བ་བཞུགས་སོ། །
ཉེར་དགུ་པ།མཛད་པ་པོ། རྗེ་བཙུན་ཏཱ་ར་ནཱ་ཐ། ཧོར་ཟླ་གསུམ་པའི་ཚེས་བཅུ་གཉིས་ཀྱི་ཉིན། རྒྱབ་རི་སྔོ་འབོར་སྐྱོང་གི་རྩེར་གཏོར་མ་རྒྱ་ཆེ་བ་ཞིག་གཏོང་བ་ལ་ཕྱིན་དུས། ཡར་ལམ་རིའི་རྩེ་འོག་ནས་ཕར་ཤིན་ཏུ་ངལ་ཞིང་ཐང་ཆད་པ་དང༌། རྐང་པ་གཡས་ལ་རྡོ་ཟུར་གྱིས་གནོད་པའི་རྨ་ཆེན་པོ་བྱུང་བ་སོགས། ལྷོངས་ཆེ་སེ་བ་ཅིག(ཞིག)གི་ངང་ནས་གཏོར་བསྔོ་ཕྱེད་ཙམ་སོང་བ་ན། རྩུབ་འགྱུར་དང་ཁམས་ཉོག་པ་ས
